歌手索南多杰与卓玛措最新单曲爱的大海

发布时间:2019-01-30 14:50


2019གཞས་གསར།


སྣང་བའི་མཚོ་ཆེན།


2019གཞས་གསར        

 སྣང་བའི་མཚོ་ཆེན།

               

ཚིག    རྨ་ལྷོའི་མེ་ཟླུམ།

དབྱངས།    བསོད་ནམས་སྟོབས་རྒྱལ།                     

གཞས་པ།      བསོད་ནམས་སྟོབས་རྒྱལ།

     སྒྲོལ་མ་མཚོ།།     


            

གཞོན་མའི་ལང་ཚོའི་མཛེས་པ། །

ཨ་དར་ཤེའུ་དར་འདྲ་ལེ།།

བལྟས་པས་བློ་ཡུལ་མི་ཚིམ། །

མིག་གི་བདུད་རྩིར་གྲུབ་ཡོད། །

འཁྲེང་ཞེན་འདི་ཡིད་ལ་སྒོམས་དང་།།

མཛའ་གཞས་དང་ལག་རྡང་ཡོད།།

རྨི་ལམ་དང་རྒྱབ་གཟུགས་ཡོད།།

སྙིང་སྡུག་ལགས་ཡ། སྙིང་སྡུག་ལགས།།

མི་ཚོགས་རྒྱ་མཚོ་འཕྱུར་འཕྱུར། །

བྱམས་པ་ཉ་མོ་གར་འཁྱུག །

མཚན་གཞུང་སྟོད་ལ་དྲན་ན། །

མཚན་སྨད་དྲན་པས་བཟི་འགྲོ། །


གཙང་འགྲམ་ཕྱེ་ལེབ་དཀར་པོ། །

གཤོག་རུ་ལྡེམ་ལྡེམ་མ་གནང་། །

སྣང་བའི་མཚོ་ཆེན་ཁ་ནས། །

ཕྱིར་མིག་ཝུ་བ་འཕྱུར་ཡོང་། །

མཛའ་མཐུན་འདི་བརྩེ་བས་སྐྱོངས་དང་།།

རེ་སྒུག་གི་ལོ་ཟླ་ཡོད། །

ལས་དབང་གི་ཁ་ཡིག་ཡོད།།

སྙིང་སྡུག་ལགས་ཡ། སྙིང་སྡུག་ལགས།།

འདྲིས་འདྲིས་ཚེ་རིང་བྱམས་པ། །

གཞིས་ཀ་དྲོན་མོའི་མི་ཡིན། །

ལས་ཀྱི་ལམ་ཆེན་ནང་ནས། །

ཚེ་གཅིག་འཛུམ་གྱིས་བསུས་ཆོག །


འཚོ་བའི་རྒྱབ་གཟུགས་ངོགས་ནས། །

མི་རྟག་གཏམ་རྒྱུད་རྒོད་ཀྱང་། །

རང་སེམས་ཤོག་དཀར་ངོས་ལ། །

ཟོལ་མེད་བརྩེ་བ་བྲིས་བཞག།

དམ་བཅའ་འདི་སྙིང་ལ་ཆོངས་དང་། །

བྲག་དམར་པོའི་སྲ་བརྟན་ཡོད།།

གངས་དཀར་པོའི་རང་མདངས་ཡོད།།

སྙིང་སྡུག་ལགས་ཡ། སྙིང་སྡུག་ལགས།།

བདེ་སྐྱིད་ཉི་མ་རང་ཤར། །

ཞེ་འདང་གཙང་བོ་རང་འཁྱིལ། །

དབྱར་དགུན་སྟོན་དཔྱིད་མེད་པར།།

གཙང་བོར་འཛད་མཐའ་མི་འདུག །




powered by 玮宁文学 © 2017 WwW.wn-steel.com